ངེ་གི་མི་ཚེ་ནང་གི་ དགའ་ཤོས་སློབ་དཔོན་ཨིན། / My Teacher is the Best Part of My Life
My teacher currently holds the position of a Level 4 Teacher. Even though they have achieved a high position, their love and care for the students have never diminished. When explaining lessons to us, they teach so beautifully and clearly that we can easily understand. When I didn't understand something, they never got angry; instead, they reviewed it and advised me, which greatly improved my learning.
Furthermore, they guided me on how to live my life. When facing difficulties, they told me not to lose heart, but to put in strength and exert effort—this gave me immense encouragement. They always advised me to do good deeds and to respect others.
Because I practice their advice and guidance, I am able to live happily today. I learned from them that no matter what happens in life, one must move forward without losing heart.
Therefore, my teacher is a very important person in my life whom I can never forget. Their kindness and guidance have shown me a good path in life. I will never forget their kindness.

མི་ཚེ་ནང་ མི་རེ་རེ་ལུ་ ནམ་ཡང་བརྗེད་མ་ཚུགས་པའི་ མི་གཅིག་རེ་ཡོདཔ་ཨིན། ངེ་གི་མི་ཚེ་ནང་ལུ་ཡང་ ནམ་ཡང་བརྗེད་མ་ཚུགས་པའི་ མི་དེ་ ང་རའི་སློབ་དཔོན་ཨིན། ཁོང་གིས་ ང་ལུ་ཤེས་ཡོན་གྱི་ཐད་ལས་རྐྱངམ་ཅིག་མེན་པར་ མི་ཚེའི་ལམ་སྟོན་ཡང་ ལེགས་ཤོམ་སྦེ་གནང་ཡི། དེ་འབདཝ་ལས་ ང་གིས་ཁོང་ལུ་ ཧ་ཅང་གི་གུས་ཞབས་དང་ བརྩེ་བ་ཡོད།
ངེ་གི་སློབ་དཔོན་འདི་ ད་ལྟོ་སློབ་དཔོན་བཞིའི་གོ་གནས་ཁར་ཡོད། ཁོང་གིས་ གོ་གནས་སྦོམ་ཅིག་ཐོབ་རུང་ སློབ་ཕྲུག་ཚུ་ལུ་ བརྩེ་བ་དང་ སེམས་ཁུར་ག་དེ་སྦེ་ཡང་ མ་ཉུང་པར་གནངམ་ཨིན། ཁོང་གིས་ ང་ཚུ་ལུ་ སློབ་ཚན་གསལ་བཤད་གནངམ་ད་ ཧ་གོ་ཚུགསཔ་སྦེ་ ལེགས་ཤོམ་སྦེ་བཤད་གནང་ཡི། ང་གིས་མ་ཤེས་པའི་སྐབས་ ཁོང་གིས་ ཁོང་ཁྲོ་མ་ཟ་བར་ བསྐྱར་ཞིབ་འབད་དེ་ བསླབ་བྱ་གནང་མི་ལས་ ང་གི་སློབ་སྦྱོང་ཡང་ ལེགས་སུ་སོང་ཡི།
དེ་མ་ཚད་ ཁོང་གིས་ ང་ལུ་མི་ཚེ་ནང་ ག་དེ་སྦེ་སྡོད་དགོཔ་ཨིན་ན་ ལམ་སྟོན་ཡང་གནང་ཡི། དཀའ་ངལ་འཕྲདཔ་ད་ སེམས་མ་ཆད་པར་ ཤུགས་བསྐྱེད་དེ་ འབད་བརྩོན་འབད་དགོཔ་སྦེ་ སླབ་གནང་མི་དེ་གིས་ ང་ལུ་སེམས་ཤུགས་སྦོམ་སྦེ་ཐོབ་ཅི། ཁོང་གིས་ བཟང་པོའི་ལཱ་འབད་དགོཔ་དང་ གཞན་ལུ་གུས་ཞབས་འབད་དགོཔ་སྐོར་ལས་ ཨ་རྟག་རང་བསླབ་བྱ་གནང་ཡི།
ང་གིས་ ཁོང་གི་བསླབ་བྱ་དང་ ལམ་སྟོན་ཚུ་ལག་ལེན་འཐབ་མི་ལས་ ད་ལྟོ་སེམས་དགའ་ཏོག་ཏོ་སྦེ་སྡོད་ཚུགས་ཡོད། མི་ཚེ་ནང་ ག་ཅི་འབད་རུང་ སེམས་ཤུགས་མ་ཆད་པར་ མདུན་བསྐྱོད་འབད་དགོཔ་ཟེར་ ང་གིས་ཁོང་ལས་སློབ་ཡོད།
དེ་འབདཝ་ལས་ ངེ་གི་སློབ་དཔོན་འདི་ ངེ་གི་མི་ཚེ་ནང་ ནམ་ཡང་བརྗེད་མ་ཚུགས་པའི་ མི་གལ་ཅན་ཅིག་ཨིན། ཁོང་གི་བཀའ་དྲིན་དང་ བསླབ་བྱ་ཚུ་གིས་ ང་ལུ་མི་ཚེ་ནང་ ལམ་བཟང་པོ་ཅིག་སྟོན་གནང་ཡི། ང་གིས་ ཁོང་གི་བཀའ་དྲིན་ ནམ་ཡང་བརྗེད་མི་ཚུགས།
excellent
ReplyDeletevery nice article
ReplyDeleteNice post, Karma! It is beautiful to read about your respect and love for your teacher.
ReplyDelete