College Life

 

College life is a journey where one experiences both happiness and sadness at the same time. When I first started college, my heart was filled with excitement and high hopes, but I also felt deeply saddened by the need to separate from my parents and family.

At that moment, I truly felt the meaning of the poem: "Life is a path surrounded by both joy and sorrow."


In college, I have gained a great deal of knowledge from many subjects. For instance, studying Dzongkha language, culture, and life situations has greatly expanded my mind. Through these experiences, I learned valuable lessons, such as maintaining patience even when facing difficulties and showing respect to others.
The saying, "Education is like a lamp that clears the darkness of life," has also proven to be very true in my life.


By nature, I am a private person who prefers to be alone. I prefer staying quiet over talking a lot. However, thinking that it would be helpful to my peers, I took the time to cooperate and work with them. While working together, I unfortunately heard hurtful words from those I had high hopes for, which ended up damaging my enthusiasm for teamwork.


In the end, college life remains an experience that gave me both joy and sorrow. From the outside, everyone may seem very happy, but only individuals themselves truly know the inner cycle of their own minds.


No matter what, I am always happy if my friends are doing well. Even when I don't have much time, I love helping them. However, I have now ended up feeling disappointed and untrusting.

མཐོ་རིམ་སློབ་གྲྭ་ནང་གི་མི་ཚེ་འདི་ དུས་ཚོད་གཅིག་ནང་དགའ་སྤྲོ་དང་ སེམས་སྐྱོ་གཉིས་ཀ་མྱོང་བའི་ལམ་ཅིག་ཨིན་པས། ང་སློབ་གྲྭ་ནང་འགོ་ཐོགས་འཛུལ་བའི་སྐབས་ སེམས་ནང་དགའ་སྤྲོ་དང་ རེ་བ་མང་པོ་ཡོད་རུང་ ཕ་མ་དང་ཁྱིམ་གྱི་མི་ཚུ་དང་བྲལ་དགོས་པའི་སྐབས་ སེམས་ནང་ལུ་སྐྱོ་བ་ཡང་བྱུང་ཡོད།

“མི་ཚེ་ཟེར་མི་འདི་ དགའ་སྐྱོ་གཉིས་ཀྱི་བསྐོར་ལམ་ཅིག་ཨིན” ཟེར་བའི་སྙན་ཚིག་དེ་ དེ་བསྒང་ང་གིས་ངོ་མ་སེམས་ལུ་ཚོར་ཡོད།སློབ་གྲྭ་ནང་ལས་ ང་གིས་སློབ་ཚན་མང་པོ་ལས་ཤེས་ཡོན་ཐོབ་ཡོད། དཔེར་ན་ རྫོང་ཁའི་སྐད་ཡིག་དང་ རིག་གཞུང་། མི་ཚེའི་གནས་སྟངས་ཚུ་གིས་ ང་རའི་བསམ་པ་རྒྱ་ཆེར་གཏང་ཡོད། དེ་ཚུ་གིས་ དཀའ་ངལ་འཕྲད་རུང་ བཟོད་སྒོམ་བསྐྱེད་ནི་དང་ མི་གཞན་ལུ་གུས་བཀུར་འབད་ནི་ལ་སོགས་པའི་ཡོན་ཏན་ལེ་ཤ་ཐོབ་ཅི།

“ཤེས་ཡོན་ཟེར་མི་འདི་ མི་ཚེའི་མུན་པ་སེལ་མི་སྒྲོན་མེ་བཟུམ་ཅིག་ཨིན” ཟེར་བའི་ཚིག་དེ་ཡང་ ང་གི་མི་ཚེ་ལུ་བདེན་པར་མཐོང་ཡོད།

ང་རང་གི་གཤིས་ཀ་འདི་ མི་རང་རྐྱང་སྦེ་ སྡོད་དགའ་མི་ཅིག་ཨིན། ཁ་མང་པོ་བཤད་ནི་ལས་ ཁུ་སིམ་སིམ་སྡོད་ནི་ལུ་དགའ། ཨིན་རུང་ ཆ་རོགས་ཚུ་ལུ་ཕན་ཐོགས་པ་ཅིན་ཟེར་ ང་གིས་དུས་ཚོད་བཏོན་ཏེ་ མཉམ་འབྲེལ་འབད་ཡི། ལས་ཀ་མཉམ་འབད་བའི་སྐབས་ རེ་བ་བཞག་མི་ཚུ་ལས་ སེམས་ལུ་རྨ་བཟོ་མི་ཚིག་ཡང་ཐོས་དགོས་བྱུང་། དེ་ལས་ མཉམ་འབྲེལ་ལཱ་འབད་ནིའི་སེམས་ཤུགས་ཉམས་སོང་།

མཐའ་མཇུག་ལུ་ མཐོ་རིམ་སློབ་གྲྭའི་མི་ཚེ་འདི་ ང་ལུ་དགའ་སྐྱོ་གཉིས་ཆ་ར་སྦྱིན་མི་མྱོང་བ་ཅིག་སྦེ་ལུས་ཡོད། ཕྱི་ལས་བལྟཝ་ད་ མི་ག་ར་དགའ་སྤྲོ་སྦོམ་སྦེ་སྡོདཔ་བཟུམ་མཐོང་རུང་ ནང་སེམས་ཀྱི་འཁོར་བ་དེ་ རང་རང་གིས་རྐྱངམ་ཅིག་ཤེས།

ནམ་ར་འབད་རུང་ ངེ་གི་ཆ་རོགས་ཚུ་ སྟབས་བདེ་ཏོག་ཏོ་ཡོད་ན་ དགའ་མི་ཨིན། ང་དུས་ཚོད་མེད་རུང་ ཁོང་གི་གྲོགས་རམ་ལུ་དགའ། ཨིན་རུང་བློ་ཕམ་དང་ བློ་གཏད་མེདཔ་ཅིག་ལུ་འགྱུུར་ཏེ་ཡོད། 

Comments

  1. This is such an honest and relatable reflection. It takes a lot of courage to stay kind and helpful even when you’ve been let down. Thank you for sharing your journey!

    ReplyDelete

Post a Comment

Do leave Your Comments