Best Moment in my Life

 


 ངེ་གི་མི་ཚེ་ནང་གི་ དུས་ཚོད་དགའ་ཤོས། 

༉ མི་ཚེ་ནང་ མི་རེ་རེ་ལུ་ དགའ་སྐྱིད་དང་ བརྗེད་མ་ཚུགས་པའི་ དུས་ཚོད་རེ་ཡོདཔ་ཨིན། ངེ་གི་མི་ཚེ་ནང་ཡང་ དུས་ཚོད་དགའ་ཤོས་དང་ སྟབས་བདེ་ཤོས་འདི་ ༢༠༡༥ ལོ་ནང་ལུ་བྱུང་ཡི། ལོ་དེ་ནང་ ང་ལུ་ཕམ་དང་ སྤུན་ཆ་ཚུ་ དེ་ལས་ སློབ་དཔོན་དང་ ཆརོགས་ཚུ་གིས་ རྒྱབ་སྐྱོར་ལེགས་ཤོམ་སྦེ་གནང་མི་ལས་བརྟེན་ ང་གི་མི་ཚེ་ནང་ དགའ་སྐྱིད་དང་ སེམས་བདེ་ཏོག་ཏོ་བྱུང་ཡི།

དང་པ་རང་ ངེ་གི་ཕམ་དང་ སྤུན་ཆ་ཚུ་གིས་ ང་ལུ་བརྩེ་བ་དང་ རྒྱབ་སྐྱོར་མང་པོ་གནང་ཡི། ང་གིས་དཀའ་ངལ་འཕྲདཔ་ད་ ཁོང་ཚུ་གིས་ང་ལུ་ སེམས་ཤུགས་བྱིན་ཏེ་ སེམས་འཁུར་མ་བསྐྱེད་ཟེར་སླབ་མི་ལས་ ང་ལུ་སེམས་བདེ་ཏོག་ཏོ་བྱུང་ཡི། ཕམ་གྱིས་ ང་ལུ་ལམ་སྟོན་ལེགས་ཤོམ་སྦེ་གནང་མི་དང་ སྤུན་ཆ་ཚུ་གིས་ ག་དུས་ཡང་ ང་དང་མཉམ་དུ་སྡོད་མི་ལས་ ང་གི་མི་ཚེ་ནང་ དགའ་སྐྱིད་མང་པོ་འབྱུང་ཡི།

གཉིས་པ་ སློབ་དཔོན་ཚུ་གིས་ཡང་ ང་ལུ་ཤེས་ཡོན་གྱི་ཐད་ལས་ གྲོགས་རམ་མང་པོ་གནང་ཡི། ང་གིས་མ་ཤེས་པའི་སློབ་ཚན་ཚུ་ གསལ་བཤད་ལེགས་ཤོམ་སྦེ་གནང་མི་ལས་ ང་གི་ཤེས་ཡོན་ཡར་རྒྱས་སོང་ཡི། སློབ་དཔོན་ཚུ་གིས་ སློབ་སྦྱོང་གི་གལ་གནད་སྐོར་ལས་ ལམ་སྟོན་གནང་མི་ལས་ ང་གིས་ཡང་ སློབ་སྦྱོང་ལུ་དགའ་ཞེན་སྦོམ་སྦེ་བསྐྱེད་ཚུགས་ཅི།

གསུམ་པ་ ངེ་གི་ཆ་རོགས་ཚུ་གིས་ཡང་ ང་ལུ་རྒྱབ་སྐྱོར་དང་ གྲོགས་རམ་མང་པོ་གནང་ཡི། ཁོང་ཚུ་དང་མཉམ་དུ་ སློབ་སྦྱོང་འབད་ནི་དང་ རྩེདམོ་རྩེ་ནི་ དེ་ལས་ དགའ་སྐྱིད་ཀྱི་དུས་ཚོད་མང་པོ་འགྱོ་ནུག། ང་དཀའ་ངལ་ནང་ཚུདཔ་ད་ ཁོང་ཚུ་གིས་ ང་ལུ་སེམས་ཤུགས་བྱིན་ཏེ་ རོགས་རམ་འབད་མི་ལས་ ང་གིས་མི་ཚེ་ནང་ དགའ་སྐྱིད་དང་ སེམས་བདེ་བ་མང་པོ་ཐོབ་ཚུགས་ཅི།

དེ་འབདཝ་ལས་ ༢༠༡༥ ལོ་འདི་ ངེ་གི་མི་ཚེ་ནང་ བརྗེད་མ་ཚུགས་པའི་ ལོ་ཅིག་ཨིན། ད་ལྟོ་ཡང་ ང་ཁོང་ཚུ་གི་བརྩེ་བ་དང་ རྒྱབ་སྐྱོར་ལས་བརྟེན་ སེམས་དགའ་ཏོག་ཏོ་སྦེ་སྡོད་ཡོད། ང་གིས་ ཁོང་ཚུ་གི་བཀའ་དྲིན་ ནམ་ཡང་བརྗེད་མི་ཚུགས།







Comments

Post a Comment

Do leave Your Comments